ང་ཚོས་ནང་པ་སངས་རྒྱས་པའི་ཆོན་ཉམས་ལེན་བྱེད་ཡ་ལ་གལ་ཆེ་ཤོས་ནང་གི་ཆེ་ཤོོས་དེ་ལྟ་བ། སྒོམ་པ། སྤྱོད་པ་གསུམ་དེ་ཤེས་དགོས། གལ་ཆེན་པོ་རེད།
ལྟ་བ་ལ་ཀུན་རྫུབ་ཀྱི་ལྟ་བ་དང་དོན་དམ་གྱི་ལྟ་བ་ཞེས་གཉིས་ཤེས་དགོས་པ་རེད།
ཀུན་རྫུབ་ཀྱི་ལྟ་བ་ཟེར་བ་དེ་རྒྱུ་རྐྱེན་རྟེན་འབྲེལ་ལ་ལྟོས་ནས་འབྱུང་བ་ཞིག་རེད།
དོན་དམ་གྱི་ལྟ་བ་དེ་ཆོས་ཐམས་ཅད་གནས་ལུགས་ཀྱི་དབང་དུ་བྱས་ནས་ཆོས་ཐམས་ཅད་ཡོད་མེད་ལ་སོགས་པའི་སྤྲུལ་པ་ཉེར་བར་ཞི་ནས་སྟོང་པ་ཉིད་ཀྱི་རང་བཞིན་ཞིག་ཆགས་བསྡད་ཡོད་རེད།
我們要知道,想要修持佛法最重要的是見修行,這三者至關重要。見解又分兩種:世俗諦的見解和勝義諦的見解。世俗諦之見解指的是:一切萬法都是通過因緣聚合而產生的見解;勝義諦之見解指的是:一切萬法的實相,寂滅有無是非等戲論之空性的本體。
དེའི་དོན་ནི་དོན་དམ་ཆོས་ཐམས་ཅད་ཀྱི་གནས་ལུགས་གང་ཡིན་པ། སྣང་བ་སྣ་ཚོགས་པ་འབྱུང་སྟངས་གང་ཡིན་པ་དེ་ཇི་བཞིན་ཡིན་པ་ཤེས་པ་དེའོ།།
ང་ཚོ་ལ་ད་ལྟ་དཀའ་ངལ་གང་ཡོད་རེད་ཟེར་ན་དངོས་པོའི་རང་བཞིན། དངོས་པོའི་གནས་ལུགས་། དངོས་པོའི་གྲུབ་སྟངས་གང་ཡིན་པ་དེ་ཧ་མ་གོ་ནས་རྨོངས་ནས་ཡོད་པ་དེ་རེད།
བྱས་ཙང་སངས་རྒྱས་ཀྱིས་ཀུན་རྫུབ་བདེན་པ་དང་དོན་དམ་བདེན་པ་ཞེས། དངོས་པོའི་གནས་ཚུལ་ལ་གང་ཡིན་གང་འདྲའི་བདེན། བདེན་པ་ལ་བདེན་པ། ཡིན་པ་ལ་ཡིན་པ་བཞིན་དུ་གསུངས་པ་མ་གཏོགས་བཟོ་བཅོས་དང་ཡིན་པ་ལ་མིན་པ་དེ་འདྲ་གསུངས་པ་མ་རེད།
意思是:如實認識一切萬法的勝義實相,以及這一切形形色色顯現的構成方法之正確認知,就是勝義諦的見解。 現在我們在認識層面上有一定困難,是什麼呢?就是我們不知道萬法的自性、萬有的真理、有法的實質,被愚痴蒙在鼓裡。 而佛陀則宣說了世俗諦和勝義諦。萬法的實質是什麼?宣講什麼是道理,實事求是,見是說是,見無說無。除此之外,沒有添加一絲一毫的改變,沒有是非顛倒。
དེ་འདྲ་ཡིན་ཙང་དེའི་ཀུན་རྫོབ་དང་དོན་དམ་གྱི་གནས་ཚུལ་རྟོགས་པ་དེ་ལ་ཀུན་རྫོབ་དང་དོན་དམ་གྱི་ལྟ་བ་རྟོགས་པ།
དེ་ཧ་གོ་བ་ཙམ་གྱིས་མི་འགྲིག་པ་དེ་ཡི་ལྟ་བ་དེའི་སྟེང་དུ་སེམས་རྩེ་གཅིག་དུ་མཉམ་པར་བཞག་པ། དཔེར་ན་དོན་དམ་གྱི་ལྟ་བའི་སྟེང་སེམས་མཉམ་པར་བཞག་པ་ལ་སྒོམ་པ་ཟེར།
དཔེ་སྡུག་ཅག་ཅིག་བཞག་པ་ཡིན་ན་ཁྱེད་རང་ལ་རོགས་པ་སྡུག་ཅག་གཅིག་དང་འཕྲད་མ་ཐག་ནག་པོ་སྨྱོ་རྫས་འཐེན་མཁན་ཞིག ཁོས་ཏོག་ཙམ་འཐེན་དང་ཞིམ་པོ་ཡོད་རེད་གད་ཡོད་མ་རེད་ཟེར་དང་པོ་དང་པོ་དེ་ཧ་མ་གོ་རྗེས་སུ་དེ་མེད་ན་བསྡད་མི་ཐུབ་པ་ཆགས།
དེ་ནས་དེ་མུ་འཐུད་ནས་འཐེན་པས་ཏོག་ཙམ་སྨྱོན་པ་འདྲ་ཆགས་ཁ་ལག་ཡང་ཏག་ཏག་ལ་ཟ་མི་ཐུབ་རང་གི་ལས་དོན་དང་ནང་མི་ལ་ཡང་ལྟ་སྐྱོང་བྱེད་ཡ་ཕར་བརྗེད་དེ་ལ་ར་བཟི་ཚར་དུས་དེ་ན་སེམས་པ་ཡོངས་རྫོགས་ཕར་ཆགས་ནས་རང་གི་མི་ཚེ་དེ་འཕྲོ་བརླག་ཆགས་ཚར་བ་རེད།
因此,能夠認識世俗諦和勝義諦之實相真理,就會理解世俗諦和勝義諦之見解。僅僅有了這樣的理解還不夠,還需在這樣的見解之上一心閉門修持。讓心安住於勝義諦的見解中,就稱為之修行。打一個不好的比方:如果你遇到一个惡友,剛見面他就是一个癮君子。他會同你講,吸毒是一件多麼興奮之事,吸一點不會出任何問題。因這樣把自己蒙蔽在鼓裡,不知道吸毒之危害,便會趨之若鶩而不久就會上癮,不吸一口就坐立不安。之後就會變本加厲越吸越厲害,變得幾乎跟瘋子一模一樣。不能按時吃飯卻忘記保護家人而麻痹身心。整天想着吸毒惶惶不可終日且繼而浪費人生。
དེ་ནས་དུས་གཅིག་ལ་དེའི་ནུས་པ་རྫོགས་ཚར་དུས་ཡང་དུ་དགོས་པ་རེད་དེ་ཡང་གོང་ཆེན་ཡིན་པས་ཉོ་ཡ་ལ་ཡང་སྒོར་མོ་མེད་པའི་དཀའ་ངལ་འཕྲད། དེང་སང་ཁ་ཤས་ཀྱིས་ཕ་མའི་ལག་ནས་སྒོར་སློང་། མ་རགས་ན་ཕ་མ་ཡང་རྡུང་། དེ་ནས་རྐུ་མ་རྐུ། རྫུན་ཡང་བཤད་བཙོན་ནང་ལ་ཡང་འཇུག མི་བཟང་པོ་དེ་འདྲ་ཡང་མི་ངན་པ་དེ་འདྲ་ཆགས།
དེ་ནང་བཞིན་དང་པོ་མི་བཟང་པོ་ཡིན་པ་བཞིན་དུ་ང་ཚོས་སེམས་ཀྱི་གནས་ཚུལ་དེ་དྭངས་མ་ཆགས་བསྡད་ཡོད་རེད།
དེ་ནས་རང་གི་ངོ་བོ་དག་པ་ཡིན་པ་དེ་དག་པ་ཡིན་པ་ཧ་མ་གོ་བས་རོགས་ངན་པ་ལ་འཕྲད་པ་བཞིན་དུ་སེམས་དེའང་གཉིས་འཛིན་ཅན་གྱི་རྟོག་པ་ཕྲ་མོ་ལ་འགྱུར་སོང་བ་རེད། དེ་ནས་དང་པོ་གྲོགས་པོ་ངན་པས་སྨྱོ་རྫས་དང་པོ་དེ་འཐེན་པ་བཞིན་དུ་རེད།
然而,僅僅吸一口不能“一勞永逸”,需隔三差五地去吸。毒癮一犯就想着去吸毒,但毒品的價格昂貴且沒錢去買,會面臨各種困難。如今一些人從父母手裡要錢,要不到錢便動手打父母;然後就會昧着良心乾一些偷雞摸狗、坑蒙拐騙的勾當,以致最後身陷牢獄。即平時比較不錯之人,(遇到惡友之後)也會變成一個無惡不作之人。同樣的道理,我們的心同人最初的品性一樣沒有任何染污,心的實相就是清淨。然後,因我們不認識本來清淨之心的實相,隨之遇到惡友一樣,心會被二取的細微分別念給染污左右。就像最初在惡友慫勇之下,開始吸毒一般。
དེ་ནས་ག་ལེར་ག་ལེར་རང་གི་ཕྱོགས་ལ་ཞེན་ཆགས་ཇེ་ཆེར་གྱུར་པས་ངའི་གཟུགས། ངའི་དཔར་འབྱོར། ངའི་གྲོགས་སོགས་རང་གི་ཕྱོགས་ལ་ཞེན་ཆགས་ཆེན་པོ་སྐྱེ། གཞན་ཕྱོགས་ལ་ཞེ་སྡང་སོགས་སྐྱེ། དེ་ནས་ད་སྨྱོ་རྫས་ཀྱིས་གོམས་ནས་དཔེ་སྐྱིད་པོ་འདྲ་ཆགས་པའི་སྣང་བ་སྐྱེ།
དེ་ནས་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་སོགས་ལ་ལོངས་སྤྱོད་པས་ཞིམ་པོ་མངར་མོ་སྐྱིད་པོ་ཡི་སྣང་བ་དེ་ནི་སྨྱོ་རྫས་དེ་ཟ་དུས་འཇའ་སོགས་ཤར་བ་ནང་བཞིན་ཞིག་ཆགས་གི་ཡོད་རེད།
དེ་ནས་ག་ལེར་གཟུགས་མཛེས་དང་སྒྲ་སྙན་པ་སོགས་མ་ཐོབ་པའི་དཀའ་ངལ། དེ་ཐོབ་པ་ལ་འབད་བརྩོན་བྱེད། དེ་གཞན་གྱིས་འཕྲོགས་པ་ལ་ཕྲག་དོག་ཟ། འཁྲུགས་པ་བརྒྱབ་ཡ་ལ་སོགས་པ་སྨྱོ་རྫས་ཟོས་ཚར་དུས་ཡང་ཡུལ་ཡང་བསྐྱར་མ་ཐོབ་པའི་དཀའ་ངལ་གྱིས་ཕ་མ་ལ་འཁྲུགས་པ་བརྒྱབ་ཡ་རྐུ་མ་རྐུ་ཡ་ལ་སོགས་པ་དེ་འདྲ་ཡོང་གི་ཡོད་རེད།
དེ་འདྲ་བའི་ཆགས་སྡང་གིས་ལས་མང་པོ་བསགས། དམྱལ་བ་ཡིད་དྭགས་ལ་སོགས་པའི་ངན་སོང་གི་གནས་ལ་སྐྱེ་བ་ལེན་པ་དེ་ད་སྔོན་རྐུ་མ་བརྒྱབ་པ་སོགས་ལ་བརྟེན་ནས་ཡོང་གི་ཡོད་རེད།
然後,慢慢就會越來越貪執自己的一方。我的身色、我的財富、我的朋友等等,對自己的一方萬分執著且嗔恨他方。這就像毒癮變得越來越厲害時,認為吸毒異常興奮一樣。繼而享受好看的景色、悦耳的声音、芬芳的香味、甘美的食物、柔軟的所觸等;這就像吸毒時產生各種幻覺一樣。然後,逐漸就會失去色身香味觸之帶來麻煩。且為想得到這些一直奔波勞碌,同時又害怕被人搶去而嫉恨如仇繼而與人發生爭鬥等等。就像吸毒之後,如毒癮一犯卻得不到毒品就痛苦不堪。甚至打罵父母及坑蒙拐騙般。
這樣,以貪嗔為因造下很多業,將來只有感受痛苦的果報。地獄、餓鬼等惡趣道就是因為以前坑蒙拐騙而墮落的感受之苦果。
དེ་ནས་ཉིན་གཅིག་ལ་སྨན་པ་མཁས་པ་ཞིག་གམ་ལམ་སྟོན་པ་མཁས་པ་ཞིག་བཙོན་ཁང་ནང་ལ་ཡོང་ནས་ད་ལྟ་བར་དུ་སྨྱོ་རྫས་ཟ་ཡ་དེ་ནོར་འཁྲུལ་ཆེན་པོ་རེད། གྲོགས་པོ་སྡུག་ཅག་དེས་སྤྲད་པ་དེ་ནོར་འཁྲུལ་ཆེན་པོ་རེད། དངོས་གནས་བྱས་ན་ཁྱེད་རང་མི་ཧ་ཅང་བཟང་པོ་རེད་བྱས་ཙང་ཁྱེད་རང་གིས་ནོར་འཁྲུལ་ནོར་འཁྲུལ་ཡིན་པ་དང་སྐྱོན་སྐྱོན་ཡིན་པ་ཧ་གོ་བར་བྱེད་དགོས་ཀྱི་རེད་བཅས་པས་དེ་འདྲ་བའི་ལམ་སྟོན་དེ་ཉན་གྱི་ཡོད་རེད།
དེ་ནང་བཞིན་ང་ཚོ་འཁོར་བ་ལ་ཡང་སྨྱོ་རྫས་ཟོས་པ་ནང་བཞིན་འཁྱམས་བསྡད་པ་ཡིན་དུས་སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་ཁྱེད་རང་ཚོ་ད་ལྟ་སྡུག་བསྔལ་དཔག་མེད་མྱོང་བསྡད་ཡ་དེ་དོན་མེད་པར་མྱོང་བསྡད་ཡོད་རེད། ཁྱེད་རང་གིས་རང་ངོ་ཧ་མ་གོ་བར་མྱོང་གི་ཡོད་རེད། དངོས་པོའི་གནས་ཚུལ་དང་དོན་དམ་གནས་ཚུལ་ཁྱེད་རང་གིས་ཧ་མ་གོ་ནས་མྱོང་བསྡད་ཡོད་རེད། དངོས་པོའི་གནས་ཚུལ། ཀུན་རྫུབ་ཀྱི་གནས་ཚུལ། དོན་དམ་གྱི་གནས་ཚུལ་དེ་སངས་རྒྱས་ཀྱིས་ངོ་སྤྲད་ཡ་དེ་སྨན་པ་མཁས་པ་ཡིས་སྨྱོ་རྫས་ཟ་མཁན་ལ་ངོ་སྤྲད་པ་བཞིན་དུ་རེད།
དེ་ནས་དུག་ཟ་མཁན་དེའི་ཁོ་རང་གིས་ཟོས་པའི་དུག་དེ་ཉེས་པ་དང་ཁོ་རང་གི་རང་བཞིན་མི་བཟང་པོ་ཡིན་པ་དེ་ཚོ་ངོ་འཕྲོད་ནས་ཧ་གོ དུག་ཟོས་པ་དེ་དཔེ་སྡུག་ཅག་རེད་འདུག་ངའི་མི་ཚེ་འཕྲོ་བརླག་གཏང་ཤག་བསམ་པ་དེ་དངོས་ཡོད་གནས་ཚུལ་ཞིག་དང་དུག་རྫས་དེའི་ཉེས་པ་དེ་ཚོ་ཁོ་རང་གིས་གསལ་པོ་ཧ་གོ་གི་ཡོད་རེད།
直到突然有一天,一位高明的醫生或者一位引路人造訪監獄,告訴吸毒者為何這一切之痛苦,都是吸毒所造成之錯誤。在惡友的慫恿下吸毒更是大錯特錯。本來你是一个品行端正之人,需要認識到自己之錯誤和過失。這樣,他便會改掉自己過去的毛病,才能聽取醫生之建議。
同樣的道理,因我們流轉輪迴就像吸毒一樣而漂泊無涯。有幸釋迦牟尼佛出世告訴我們,你們現在感受到無量無邊之痛苦,都是沒有任何意義的,只因為你們不了解自己的本性所導致的。佛陀宣講的萬法之真理、世俗之實相、勝義之道理,就像是一位妙手回春的醫生教導吸毒者一樣。
在這個時候吸毒者也會明白到吸毒之危害,以及領悟到自己向善的本性。他會明白吸毒是一件非常非常危險之事,只會浪費自己的一生。明白了這些道理之後就會對毒品敬而遠之。
དཔེ་དེ་ད་དང་འདྲ་བ་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་གནས་ལུགས་བདེ་བར་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པ། ཀུན་རྫུབ་ཀྱི་སྣང་བ་ཐམས་ཅད་བདེན་པས་མ་གྲུབ་པར་རྒྱུ་རྐྱེན་རྟེན་འབྲེལ་ལས་འབྱུང་བ་སོགས་ངོ་སྤྲོད་བྱས་པས་ང་ཚོས་དེའི་གནས་ཚུལ་ཧ་གོ་བ་དེ་ལ་ལྟ་བ་རྟོགས་པ་ཟེར།
སྨྱོ་རྫས་ཟ་མཁན་དེ་ལ་དེ་རིང་བསླབ་བྱ་བྱས་པ་གཅིག་པོས་དེ་བཅད་ཐུབ་ཀྱི་རེད་བས། གང་ཡིན་ཟེར་ན་དེ་ཟ་ཡ་མ་རག་ན་ན་ཟུག་རྒྱག་པ་དང་ལུས་འདར་བ་གོམས་ཆེ་བས་ཟ་འདོད་ལང་པ་སོགས་ཡོང་གི་ཡོད་རེད།
དེ་ནང་བཞིན་ང་ཚོ་ལ་ཡང་ཀུན་རྫུབ་ཀྱི་གནས་ཚུལ་འདི་འདྲ་རེད། དོན་དམ་པར་སྟོང་པ་ཉིད་རེད་འདུག་བསམ་ནས་ཧ་གོ་བ་ཙམ་གྱིས་ང་ཚོའི་དཀའ་ངལ་དང་ང་ཚོའི་ཉོན་མོངས་མེད་པ་བཟོ་ཐུབ་ཀྱི་མ་རེད།
དེ་ནས་སྨྱོ་རྫས་མཁན་དེས་སྨན་པ་དེ་ལ་ད་ངས་བཅད་ཀྱི་ཡིན་ཐབས་ཤེས་བཏང་གི་ཡིན་ཟེར་ནས་ཁས་ལེན། སང་ཉིན་ནས་སྨྱོ་རྫས་ཟ་ཡ་དེ་ཕར་བཅད་དེ་སྤང་ཡ་དང་ཉིན་ནས་ཉིན་དུ་སྒོམ། ལུས་འདར་དང་ན་ཟུག་ག་ཚོད་འབྱུང་ཡང་ཤུགས་བརྒྱག ཁ་ཟས་སོགས་ཡག་པོ་ཟ་ཡ་དང་སྨན་ཟ་ཡ་སོགས་ཉིན་རེ་རེ་ནང་ལ་འབད་བརྩོན་བྱེད།
同樣的道理,佛陀給我們直指本性時宣講:“一切眾生心之實相—— 如來藏本來就存有,一切世俗的顯現只是因緣聚合而產生的現象,除此之外就沒有任何實質性存在的東西。”當我們明白了這些道理之後,就稱之為領悟到了見解。
如果吸毒者只是聽了醫生三言两語之教導,雖然明白了道理,但能不能徹底斷除毒癮呢?這是不可能的。為什麼呢?因為過去嗜賭成性,現在突然沒有毒品就會出現身體發癢、渾身顫抖、毒癮不斷上身等問題。同樣對於世俗的顯現也是一樣,我們雖然明白了勝義諦中一切萬法都是空性,但僅靠這一點是不可能徹底清除我們之困難和煩惱。這時候那個吸毒者首先就要下定決心,向醫生承諾一定要想盡一切辦法斷除毒品。從第二天開始就要放棄毒品還要反復下決心。如身體何等地發癢、顫抖都要堅持不懈,好好吃飯認真吃藥,且還要每天為此努力奮鬥。
དཔེ་དེ་ནང་བཞིན་སངས་རྒྱས་ཀྱིས་ང་ཚོ་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ལྟ་བ་དེ་ངོ་སྤྲད། དེ་ཧ་གོ་བ་ཙམ་གཅིག་པུར་མིན་པར་དེའི་ངང་ལ་སེམས་རྩེ་གཅིག་ཏུ་དགག་སྒྲུབ་སོགས་ཅི་ཡང་མེད་པ་མཉམ་པར་བཞག་ཡ་དེ་ད་ལྟ་སྨྱོ་རྫས་བཅད་པ་ནང་བཞིན་ཉི་མ་ཟླ་བ་ལོ་ནས་བཟུང་དེ་ལ་གོམས་དགོས་རེད།
སྒོམ་བརྒྱབ་པ་ཡིན་ནའང་ང་ཚོ་ཐོག་མེད་ནས་བདག་འཛིན་དང་གཉིས་འཛིན་སོགས་ཀྱིས་གོམས་ཆེ་བས་འདོད་ཆགས། ཞེ་སྡང་སོགས་གོམས་ཆེ་བས་སྒོམ་བརྒྱབ་ཚར་བ་ཡིན་ནའང་བརྗེད་འགྲོ་ཡ་འདྲ་དང། སྐབས་རེ་ཡང་དོན་གཞན་དེ་འདྲ་ལ་འགྲོ་བ་སོགས་ཡོང་གི་ཡོད།
སྨྱོ་རྫས་མཁན་ནི་ཁོག་པས་མི་བཟོད་ནས་གཟུགས་པོ་འདར། དེ་འདྲ་བྱས་དུས་སྨན་པ་ཚོས་རོགས་བྱས་ཡ་སོགས་འབད་བརྩོན་ཤུགས་ཆེན་མ་བྱས་ན་ཁོ་ནི་སྨྱོ་གྲབས་བྱེད། དེ་ནང་བཞིན་ང་ཚོས་སྒོམ་རྒྱག་སྐབས་བླ་མ་ལ་གསོལ་བ་འདེབས་ཡ་དང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་སྒོམ་ན་ཨི་དྲགས། བློ་ལྡོག་རྣམས་བཞི་ཡི་ངང་ནས་འཁོར་བ་ལས་སེམས་ལྡོག་ཐབས་བྱས་ན་ཨི་དྲགས།
同樣的道理,佛陀給我們宣講并指示諸法的實相真理——萬法皆空之見解。不僅只是這一點,還讓我們一心按住在沒有任何破立的空性之中。這就像是當下放棄毒品之後,需要日積月累為此串習療養般。就算是在修行,但因我們無始以來被我執和二取蒙蔽,帶著貪心和瞋心之習性,即便修持了很長時間也會遺忘修行的境界,偶爾也會心髓境轉。
當吸毒者在毒癮上身時,身體就會顫抖不止。如果沒有醫生們的幫助和自己之努力,就會幾近瘋狂。同樣我們在修行上也要祈禱上師,對眾生要發慈悲心。不斷修持四厭世心,更要對輪迴生起出離心。
དེ་ནས་སྨན་པས་སྨན་སྤྲད་ཡ་སོགས་ཐབས་ཤེས་བྱས། གཟུགས་པོ་ལ་སྨན་དང་ཟས་སྤྲད།
སྨན་དང་ཟས་སྤྲད་པ་ནང་བཞིན་ང་ཚོ་ཕྱག་འཚལ་ན་ཨི་དྲགས། ཡིག་བརྒྱ་བཏང་ན་ཨི་དྲགས། མནྜལ་བཏང་ན་ཨི་དྲགས་སོགས་ཐབས་སྣ་ཚོགས་ལ་བརྟེན།
དེ་ནས་རིམ་བཞིན་ཡུན་རིང་ལ་སྒོམ་པས་ལྟ་བ་དེའི་ངང་ལ་བཞག་པ་དེ་ལ་སྒོམ་ཟེར་གྱི་ཡོད་རེད།
དེ་ནས་སྒོམ་ཟེར་ནས། སྒོམ་པ་མ་ཡིན་གོམས་པ་ཡིན། གོམས་པ་མངོན་དུ་གྱུར་པ་ཡིན། གོམས་ཟེར་བ་དེ་ཉིན་ཤས་དང་ཟླ་ཤས་མ་ཡིན་པར་མུ་འཐུད་ནས་མཐར་ཐུག་བར་སྐྱེལ་དགོས་པ་དཔེར་ན་ཉིན་ཤས་རིང་སྨྱོ་རྫས་མ་ཟོས་པས་སྨྱོ་རྫས་བཅད་མི་ཐུབ་པ་བཞིན་རེད།
接着醫生們便會給那個吸毒者進行藥物治療,還賜他藥及食物。同樣的道理吸毒者需要藥物治療;在修持佛法時我們也需要頂禮、念誦百字明做懺悔、修曼陀羅等等,要依止很多善巧方便等法門,并需要长期修持,還有在前面提到空性之見解中如如不動地按住,這就叫“修行”。所謂的“修行”就是要達到不刻意去觀修而成自然。僅僅在幾個月或著幾年當中,是不可能達到修行成自然之地步;需要日積月累且延綿不斷地去修持。這就像是那位吸毒者僅僅在兩三天內不吸食毒品,是不可能會徹底戒掉一樣。
ད་དེའི་རྗེས་ལ་སྤྱོད་པ་ཟེར་བ་དེ་རེད།
ད་ཁོའི་ཟླ་བ་མང་པོ་ལ་སྨྱོ་རྫས་མ་ཟོས་པས་ལུས་འདར་ཡ་སོགས་ཇེ་ཆུང་དུ་སོང་བ་དཀའ་བ་བཅད་པས་ཡག་པོ་ཆགས།
སྐབས་དེར་ཁོ་སྨན་ཁང་ལ་ཡོད་ཙང་སྨན་པ་དང་སྨན་ཞབས་མ་གཏོགས་གཞན་མང་པོ་ཐུག་ཡ་མེད་པ་རེད།
接著就是(見修行當中的)行。那位吸毒者通過下定決心多日不吸食毒品,以及通過堅持不懈地努力,身體的顫抖等問題也會減輕。這時在醫院裡除了醫生和護士以外,再也不會碰到外面等一些人。
དེ་བཞིན་དུ་སྒོམ་རྒྱག་སྐབས་གནས་དབེན་པ་བླ་མ་དང་གསུང་ཆོས་ཡོད་ས་ང་རང་ཡང་མུ་འཐུད་ནས་སྒོམ་རྒྱག་དགོས་དུས་ཤུགས་རྒྱག་དགོས་བསམ་པ་དེ་ཡོད་པས་རྒྱུན་ལྡན་ལྷོད་ལྷོད་དེ་མུ་མཐུད་དུ་ཡོང་གི་ཡོད་རེད།
དེ་ནས་ཉིན་གཅིག་ལ་ཁོ་སྨན་ཁང་ཕྱི་རུ་ཕྱིན་པས་སྔ་མོ་སྨྱོ་རྫས་ཟ་མཁན་གྱི་གྲོགས་པོ་མང་པོ་ཐུགས་པས་དེ་ཚོས་ཁོ་ལ་ཟོ་ཟེར་ནས་སྤྲད་པས་སྔ་མོ་ནས་གོམས་ཚར་བས་བཟོད་མ་ཐུབ་པར་ཡང་བསྐྱར་ཟ་ཡ་ལ་ཉེན་ཁ་ཆེན་པོ་སླེབས།
དེ་ནས་ཁོ་རང་ཡང་གོམས་གཤིས་རྙིང་པ་དེ་སེམས་ན་ཡོད་པས་ལུས་མ་འདར་ཡང་ཟ་འདོད་ཧ་ཅང་ལང་ནས་ཏོག་ཙམ་སྤྲད་དང་ཟེར་ནས་སྨན་པས་བཤད་པ་བརྗེད་ནས་ཟ་ཡང་བསྐྱར་ནད་པ་ཆགས། དེ་ནས་ཡང་བསྐྱར་བཅད། ཡང་ཟ། ཡང་བཙོན་ལ་བཅུག ཡང་ཟ། ཡང་ནས་ཡང་དུ་གཅིག་པ་རེད།
དེ་བཞིན་དུ་ང་ཚོས་སྒོམ་བརྒྱབས་ནས་གནས་དབེན་པ་དང་དགོན་པ་ལ་བསྡད་ནའང་ཕྱི་ལོགས་ལ་མར་སོང་ཚར་དུས་དཀའ་ངལ་དང་རྙོག་དྲྭ་ལ་འཕྲད་སྐབས་ལམ་སང་ཁོང་ཁྲོ་ལང་ཆོག་ཆོག་ང་རྒྱལ་སྐྱེ་ཆོག་ཆོག་སྨྱོ་རྫས་ཡང་བསྐྱར་ཟ་བ་ནང་བཞིན་རེད།
同樣的道理在修行時,需要一個寂靜之地方去依止上師聽聞佛法,然後還要堅持不懈地實地修持。有了這種概念才會放鬆身心不斷努力修行。
假如那個吸毒者是一個意志薄弱,出院後又遇上以前之狐朋狗友,在他人的一再慫恿之下,抵抗不了心裡之慾念再加上毒癮,很有可能再犯之危險。即使身體沒有發癢和顫抖,但因為過去之習性,再會懇求他人給他一點。這樣又會一再犯上吸毒。戒了又吸且反復犯毒,出入監獄痛苦不堪。
同樣我們在修行的過程當中,雖然住在寂静地和寺院裡時的境界穩定。但當離開後到了外面遇到麻煩和困難時,就像那個吸毒者再犯一樣,立即就會火冒三丈或者變得狂妄不羈。
དེ་སང་ཁ་ཤས་ཀྱིས་ང་ལོ་གསུམ་ལ་མཚམས་ལ་བསྡད་ཡིན་ཟེར། ཁ་ཤས་ཀྱིས་ལོ་ལྔ་ལ་མཚམས་ལ་བསྡད་ཡིན་ཟེར། ཁ་ཤས་ལོ་དགུ་ལ་མཚམས་ལ་བསྡད་ཡིན་ཟེར། ཡིན་ནའང་དཀའ་ངལ་རྙོག་དྲྭ་བྱུང་སྐབས་ལམ་སང་ཁོང་ཁྲོ་དང་ང་རྒྱལ་སྐྱེ་ཆོག་ཆོག་ཆགས་བསྡད་ཡ་དེ་ད་ཅིའི་སྔོན་དེ་དང་གཅིག་པ་རེད་མི་དཀྱུས་མ་ཞིག་དང་གཅིག་པ་རེད།
དེའི་ནང་ནས་མི་ཡག་པོ་གཅིག་གིས་ཁོ་རང་ཕྱི་ལ་ཐོན་དུས་གྲོགས་པོ་རྙིང་པ་ཚོ་ལ་ཐུགས་ཀྱང་ཁོས་འོ་ད་ངའི་མི་ཚེ་འཕྲོ་བརླག་བཏང་མཁན་དེ་ཁོ་རེད་བསམ་ནས་ལག་སྤྲད་པ་དང་སྐད་ཆ་བཤད་ནའང་ད་ཡང་བསྐྱར་འཕྲོ་བརླག་ཏུ་བཏང་གི་མིན་བསམ་ད་སྔོན་སྨན་པས་བཤད་པའི་བསླབ་བྱ་དེ་སེམས་ལ་བཟུང་ནས་དེའི་ལམ་ལ་ཕྱིན་པས་མི་བཟང་པོ་ཞིག་ཆགས་ཐུབ་པ་བྱུང་ཡོད།
དཔེ་དེ་བཞིན་དུ་སྒོམ་རྒྱག་སྐབས་གཅིག་པུ་མ་ཡིན་པ་ཕྱི་རུ་ལས་ཀ་དང་དཀའ་ངལ་སོགས་འཕྲད་སྐབས་ཁ་སྔོན་སྒོམ་པའི་ཆོས་ཐམས་ཅད་བདེན་མིན་དང་རྨི་ལམ་དང་སྒྱུ་མ་ལྟ་བུ་ཡིན་བསམ་པ་དེ་ད་རེས་དཀའ་ངལ་སྡུག་བསྔལ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུ་ཡིན་བསམ་པ་རྐྱེན་ངན་ལམ་དུ་ཁྱེར་བ་དེ་ལ་སྤྱོད་པ་ཟེར་བ་རེད།
མི་དེའི་ཁོ་མུ་མཐུད་ནས་སྨན་པའི་ཁ་ལ་ཉན་པས་མཐར་མི་བཟང་པོ་ཞིག་དུ་འགྱུར་བ་རེད།
བྱས་ཙང་ལྟ་བ་སྒོམ་པ་སྤྱོད་པ་གསུམ་དེ་ཤེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
現今有些人說自己閉關了三年,有些人說閉關了五年,甚至有些人說自己閉關了九年。但每當面臨困難和麻煩時就會火冒三丈、怒氣沖沖,變得跟一個從來沒有修心過的凡夫一樣平庸不堪。
假如是一個意志堅強之人,在出院後哪怕遇上了以前沆瀣一氣之惡友,即使出於禮貌跟他們握手問候、噓寒問曖,但絕不忘記這些曾經讓他在生命中浪費時間之人。心裡銘記著醫生的教導,從此以後就變為一個品行端正的好人。同樣在修行上我們要觀修萬法都是空性,像夢境和幻象一般沒有實質性的存在。每當在工作中遇到麻煩和困難時,就會想起修行之境界,把一切艱辛困苦觀修為猶如夢境和幻象般沒有實質的存在,進而把違緣轉為道用,這就叫(見修行當中的)行。
就像那個吸毒者,因為聽了醫生的勸告後而从此改變了惡習,變為一個好人一樣。
因此要理解佛教的見修行,是顯得非常的重要!
ལྟ་བ་སྒོམ་པ་སྤྱོད་པ་གསུམ་གྱི་ཉམས་ལེན་ཡག་པོ་ཡོད་ན་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་མགྱོགས་པོ་ཐོབ་ཀྱི་རེད།
དེ་འདྲ་ཡིན་དུས་ལྟ་སྒོམ་སྤྱོད་གསུམ་ཧ་ཅང་གལ་ཆེན་པོ་རེད།
དེ་རིང་གི་ཆོས་བཤད་མཚམས་དེ་ཙམ་ཡིན།
如果有了見修行之修持好功底,那麼很快就可以獲得佛陀之果位。所以見修行這三點是特别的重要!
今天開示就到這裡吧!