起來

མ་ཉལ་ཡར་ལ་ལོངས་དང་། །
別躺著請起來!
གཏི་མུག་གཉིད་མཐུག་འདི་ལས། །
從愚癡酣睡中,
ད་རེས་དལ་རྟེན་ཐོབ་དུས། །
得到暇满人身,
ལན་གཅིག་སད་པའི་དུས་འདིར། །
得此一次醒悟,
ལེ་ལོ་རྣམ་གཡེང་མ་བྱེད། །
不要懶惰散亂!

མ་ཉལ་ཡར་ལ་ལོངས་དང་། །
別躺著請起來!
ཚེ་རབས་ཐོག་མ་མེད་པར། །
從無始生世中,
ཆགས་སྡང་བཙོན་རྭའི་ནང་དུ། །
在愛憎監獄裏,
སྡུག་གིས་ཨ་ཐང་ཆད་སོང་། །
痛苦疲憊不堪,
ད་རེས་བྲོས་པའི་དུས་རེད། །
趁此機會脫離!

མ་ཉལ་ཡར་ལ་ལོངས་དང་། །
別躺著請起來!
དོན་ཆུང་ཚེ་འདིའི་དབང་གིས། །
今生事無意義,
མི་ཚེ་ཕལ་ཆེར་རྫོགས་སོང་། །
人生將要終盡,
འཆི་བ་ནམ་ཡོང་ཆ་མེད། །
幾時死亡不定,
མྱུར་དུ་དགེ་ལ་བརྩོན་དགོས། །
精進修持淨善!

མ་ཉལ་ཡར་ལ་ལོངས་དང་། །
別躺著請起來!
སེམས་ཉིད་ནམ་མཁའི་དབྱིངས་སུ། །
心性虛空法界,
གཏི་མུག་སྤྲིན་ཚོགས་ཕྲལ་ཏེ། །
遠離愚癡雲叢,
རང་བྱུང་རིག་པའི་ཉི་གཞོན། །
自然智慧朝陽,
ཀུན་ཁྱབ་ཀློང་དུ་བརྡལ་དགོས། །
普照周遍法界!

མ་ཉལ་ཡར་ལ་ལོངས་དང་། །
別躺著請起來!
མ་རྟོགས་རྨོངས་པའི་འགྲོ་ལ། །
愚癡無明眾生,
སྙིང་རྗེའི་འོད་རབ་སྤྲོས་ཏེ། །
照耀慈悲光芒,
ཕན་བདེའི་པདྨོའི་འཛུམ་ཕྲེང་། །
利樂蓮花花瓣,
ཀུན་ནས་བཞད་པར་མཛོད་ཅིག །
令使徹底綻放!

སྐལ་བཟང་ཉི་མས། ༧-༡-༢༠༡༦།
書於2016年1月7日
尊貴的堪布 格桑尼瑪 仁波切

About Author